◎心經除魔需要指甲與頭髮原因
ཤེར་སྙིང་བདུད་བཟློག་གི་སྐབས་སྐྲ་དང་སོར་མོ་དགོས་པའི་རྒྱུ་མཚན།
རང་ལ་མི་འདོད་པའི་གེགས་དང་བར་ཆད་ཐམས་ཅད་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་རང་གི་ཕུང་པོ་ལ་བདག་དང་བདག་གིར་འཛིན་པས་དབང་གིས་འབྱུང་བ་ཡིན། དེར་རྟེན་ཤེར་སྙིང་གི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་འདོན་བྱས་པ་ལ་རྟེན་ནས་བདུད་དང་བར་ཆད་མཐུན་པའི་ཕྱོགས་ཐམས་ཅད་བཟློག་པར་བྱེད་པའི་དོན་ཡང་ཤེར་རབ་སྙིང་པོའི་ནང་ལ་བདག་མེད་དང་སྟོང་ཉིད་ཀྱི་དོན་གསལ་བོར་སྟོན་ཡོད་པའི་རྒྱུ་མཚན་གྱིས་རེད།
བདག་དང་བདག་གིར་འཛིན་སའི་གཞི་གཙོ་བོ་ནི་རང་གི་ལུས་པོ་འདི་ཡིན་པས་རང་གི་ལུས་ཀྱི་ཆ་ཤས་སྐྲ་དང་སོར་མོ་དག་ཤེར་སྙིང་བདུད་བཟློག་གི་གླུད་དང་མཉམ་དུ་གཡུག་ནས་བདག་དང་བདག་གིར་འཛིན་པ་སྤོང་སྟེ་མི་འདོད་པའི་གེགས་དང་བར་ཆད་ཐམས་ཅད་བཟློག་པའི་ཐབས་སོ།
དེ་ལས་གཞན་ཞིག་ནི་རང་ལ་གནོད་པའི་མི་དང་མི་ཡིན་པ་དག་ལ་རང་གི་གཅེས་པའི་ལུས་ཀྱི་ཆ་ཤས་སྐྲ་དང་སོར་མོ་དག་རང་ཉིད་ཀྱི་ཚབ་ཤེར་སྙིང་བདུད་བཟློག་གི་གླུད་དང་མཉམ་དུ་གཡུག་ནས་རང་གི་ཚེ་རབ་སྔོ་མའི་ལན་ཆགས་བུ་ལོན་དག་བྱང་ནས་མི་འདོད་པའི་གེགས་དང་བར་ཆད་ཐམས་ཆད་བཟློག་པའི་ཐབས་སོ།
心經除魔需要指甲與頭髮原因如下
我們所不樂見的違緣障礙都是因執著自身(我執與我所執)而起,若思擇心經的深義及唸誦即能消除違緣障礙和四魔的損害,因為心經很清楚開示無我與空性的奧義。
我執與我所執都主要是緣自己的藴體而產生,故將自身的頭髮、指甲與替雍放在一起修持,則將斷除我執與我所執等煩惱,從而止息己所不欲的逆緣與障礙;抑或將自己最珍惜的身體的一部份——頭髮、指甲取代自身與替雍一起丟棄,以表償還昔日宿債包括(冤親債主),從而迴遮不期而遇的所有違緣障礙。
- 佳增仁波切編著 財旺諾布老師翻譯