ཨ་ཛི་ཏ་ནང་བསྟན་སློབ་གླིང་ནས་ལོ་ལྟར་དུར་གསོ་དུས་ཆེན་དང་བསྟུན་ནས་ལོར་ལྟར་གཤིན་པོ་རྣམས་ལ་རིན་མེད་ཀྱི་མཚན་བྱང་སློང་སྟེ་འོད་ཆོག་གི་གནས་འདྲེན་དང་འཕོ་སྦྱོང་བཅས་ཉིན་གསུམ་རིང་ལ་བགྱིས་པའི་དགེ་བ་རྩ་བ་འདི་དག་མཁའ་ཁྱབ་ཀྱི་སེམས་ཅན་ཡོངས་ལ་བསྔོ།
2024/4/6清明節頗瓦法免費超渡很圓滿地完成。阿彌陀佛法門是上師來台後22年不間斷共修的法門,阿彌陀佛頗瓦法超渡法會亦已連續舉行十多年,這些修持對我們及眾生是特別具有加持與意義的,很感謝所有義工及參與的師父、師兄們共同成就此殊勝法宴。今年會後一如往常地,上師為大家舉行皈依及受五屆的儀式,恭喜各位師兄正式進入佛門,我們準備了五戒的開示,望大家都能精進修持,速得成就道業。

這次我們的阿彌陀佛前行共修總共累積了15,074,202遍的名號與咒語,我們一同將法會與阿彌陀佛前行共修的所有功德迴向所有六道眾生及冤親債主,希望一切戰爭能止息,世界和平穩定,眾生皆安樂、速得解脫輪迴之苦。

願我所修諸功德 迴向眾生得解脫 永離四苦三毒害 智慧如海證圓覺

༈ དགེ་བསྙེན་གྱི་སྡོམ་པ།
居士戒

སྤྱི་བཤད།
概說
དེ་ཡང་རང་ཉིད་སྒྲུབ་བྱེད་ཀྱི་རྒྱུ་མཐུན་རྐྱེན་ཕུན་སུམ་ཚོགས་ཤིང་འགལ་རྐྱེན་བར་ཆད་དང་བྲལ་བའི་སྒོ་ནས་རྩ་བཞི་དང་ཆང་སོགས་ཇི་སྲིད་འཚོ་བའི་བར་དུ་བསྲུང་བར་ཁས་བླངས་པའི་སངས་རྒྱས་པའི་ཁྱིམ་པའི་ཕྱོགས་ཀྱི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན།
居士戒是自身具備順緣條件,遠離違緣障礙以承諾直至命終持守四根本戒與不飲酒戒的佛教戒律。

དེའི་སྒྲ་བཤད་ནི།
詞義
ཨུ་པ་ས་ཀ་ཞེས་པའི་སྒྲ་ལས་དྲངས་ན། དགེ་བ་མྱ་ངན་ལས་འདས་པའི་གོ་འཕང་ལ་ཉེ་བར་བསྙེན་པས་ན་དགེ་བསྙེན་དང་། ཡང་ན་དགེ་བའི་ཆོས་ལ་བསྙེན་བཀུར་ཡིན་པས་ན་དགེ་བསྙེན་ནོ། །
居士乃根據(烏巴嘎)一詞解釋為接近涅槃果或侍奉善法,故稱居士。

དབྱེ་བ།
分類
རང་གི་གང་བསྲུང་བར་འདོད་པ་ལྟར་ཁས་ལེན་པའི་གྲངས་ཇི་ལྟ་བར། སྲོག་གཅོད་ཙམ་སྤོང་བ་ལྟ་བུ་སྣ་གཅིག་སྤྱོད་པ་དང་། དེའི་སྟེང་མ་བྱིན་ལེན་ཙམ་སྤོང་བ་ལྟ་བུ་སྣ་འགའ་སྤྱོད་པ་དང་། དེ་གཉིས་ཀྱི་སྟེང་རྫུན་སྤོང་བ་ལྟ་བུ་ཕལ་ཆེར་སྤྱོད་པ་དང་། ཡོངས་རྫོགས་དགེ་བསྙེན་གྱི་བསྲུང་བྱ་ལྟར་ཡན་ལག་ལྔ་ལས་ལོག་གཡེམ་གྱི་དོད་མི་ཚངས་སྤྱོད་སྤོང་བ་ཚངས་སྤྱོད་དགེ་བསྙེན་ དང་། བསྙེན་གནས་ཀྱི་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་སྲུང་བ་གོ་མིའི་དགེ་བསྙེན་ཡིན་པ་དེ་ལྟར་ཤེས་དགོས་སོ། །
己所欲守戒律類別如下:唯斷殺生為一戒行,若加以斷偷盜為多戒行,此二戒加以斷妄語乃為大眾行,非僅持守圓戒居士所守五戒,連斷非梵行戒也持守,方為梵行居士。當知梵行居士是持守八關齋戒直至生命尚存。

མ་ཐོབ་པ་ཐོབ་པའི་ཚུལ།
སྒྲུབ་བྱེད་རྟེན་དང་བླ་མ་ལ་མོས་གུས་ཀྱི་ཕྱག་བྱས་པས་བླ་མས་ཀྱང་། ལེགས་སུ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བྱ་ནི་སངས་རྒྱས་ཀྱི་བསྟན་པ་ལ་སྙིང་པོར་བྱ་བ་ཉིད་ཡིན་ལ། དེ་ལ་འདིར་དགེ་བསྙེན་གྱི་དངོས་པོ་སྒྲུབ་པ་ཡིན་པས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་གཏན་བདེ་ཐར་པའི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དགེ་བསྙེན་གྱི་བསླབ་པ་བསྲུང་སྙམ་པའི་སྒོ་ནས་སློབ་དཔོན་ལ་དགོངས་གསོལ་དང་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་སློབ་དཔོན་གྱིས་གཟུང་དུགསོལ་ཞེས་པས་སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་པའི་སྐབས་ཐོབ་བློ་སྐྱེ་བ་དང་མཉམ་དུ་སྡོམ་པ་ཐོབ་པ་ཡིན་ནོ། །
未得者令得之理
因於所依與上師信解恭禮故,上師明瞭弟子希求的核心為正法。弟子當念「為遠離三界輪回所有苦惱,務必要成就永久安樂的解脫,為此我要持守居士戒學處。」 為此祈請上師傾聽和皈依三寶,唸「祈請上師攝受我直至生命尚存。」 上師曰:「方便夷!」 弟子觀想自身已獲得居士戒。

ཐོབ་བ་མི་ཉམས་བར་སྲུང་ཚུལ་ལ།
དངོས་ཀྱི་བསླབ་བྱ་དང་ཕྱོགས་མཐུན་བསླབ་བྱ་གཉིས་ལས། དང་པོ་དངོས་ཀྱི་བསླབ་བྱ་ཡན་ལག་ལྔ་ལས། དང་པོ་སྲོག་གཅོད་པ་ནི།
སྲོག་གཅོད་གཞི་ནི་མིའམ་མིར་ཆགས་པ་ལ་དེར་འདུ་ཤེས་པ། ཞེ་སྡང་གི་ཀུན་ནས་སློང་སྟེ་བསམ་པ་གསོད་སེམས་ཀྱིས་སྦྱོར་བ་བརྩོན་པ་ལ་སོགས་པ་མཐར་ཐུག་སྦྱོར་བ་རང་གིས་བརྩམས་པའམ་གཞན་ལ་གསོད་དུ་བཅུག་ཀྱང་རུང་གསོད་པ་པོ་བདག་ཉིད་མ་ཤི་བའི་སྔ་རོལ་དུ་ཕ་རོལ་པོ་སྲོག་དང་བྲལ་ན་ཡན་ལག་རྫོགས་པའོ། །
已得令不衰退而持守之理
居士戒有正學處與近學處兩者,正學處有五種,第一,殺生者:應知對象是人或成為人是「基」,因嗔念引起欲殺之「意樂」,以此意樂引發殺生的「加行」,無論或自己動手殺或教他殺, 只要兇手尚未命終之前對方先命亡為「究竟」,若符合此條件即圓滿殺生的之罪。

གཉིས་པ་མ་བྱིན་ལེན་པ་ནི།
གཞི་གཞན་གྱི་བདག་ཏུ་བཟུང་བའི་དངོས་པོ་གསེར་ཞོ་ཕྱེད་ཀྱི་རིན་ཐང་ཚང་བ་ཡན་ཆད་དེར་འདུ་ཤེས་པ། ཀུན་སློང་ཆགས་པ། བསམ་པ་བརྐུ་བའི་སེམས་དང་ལྡན་ཞིང་། སྦྱོར་བ་གཡོ་དང་མཐུས་སམ་འཇབ་བུའི་སྒོ་ནས། མཐར་ཐུག་ཐོབ་བློ་སྐྱེས་པས་ཡན་ལག་རྫོགས་པའོ། །
第二,偷盜者
確認該物品為他人所屬是「基」,因貪念而引發盜取的念頭為「意樂」,或狡詐或權力或私下取用的手段為「加行」,心想我已佔為己有為「究竟」,若符合此條件則圓滿偷盜之罪。

གསུམ་པ་ལོག་གཡེམ་ནི།
གཞི་རང་གི་ཆུང་མ་མ་ཡིན་པའི་བུད་མེད་ལ། ཀུན་སློང་འདོད་ཆགས་ཀྱི་སྒོ་ནས། བསམ་པ་འཁྲིག་པར་སེམས་པ། སྦྱོར་བ་བཅུག་རེག་ལ་སོགས་པས་འཁྲིག་པ། མཐར་ཐུག་ཚོར་བདེ་ཉམས་སུ་མྱོང་བ་སྲེད་པས་བདག་གིར་བྱས་པས་ཡན་ལག་རྫོགས་པའོ།།
第三,邪淫者
非己妻子的女性為「基」, 因貪念欲與其行房為「意樂」,抽動和摩擦等動作為「加行」,以貪欲而感到樂受,並念我已作為「究竟」,若符合此條件則圓滿邪淫之罪

བཞི་བ་རྫུན་དུ་སྨྲ་བ་ནི།
རང་ལས་གཞན་པའི་སྨྲ་ཤེས་དོན་གོ་བའི་མིར་རང་ལ་མེད་པའི་ཡོན་ཏན་བདེན་བཞིའི་གནས་ལུགས་རྟོགས་པ་སོགས་དང་། ལྷ་ཀླུ་ལ་སོགས་པ་མཐོང་ངོ་ཞེས་པ་རྣམས་སོ། །
ཀུན་སློང་དུག་གསུམ་གང་རུང་ལས་གཙོ་བོར་གཏི་མུག་ཏུ་གྱུར་པ། བསམ་པ་མངོན་ཤེས་མེད་པར་ཤེས་བཞིན་དུ་གཞན་བསླུ་སེམས་ཀྱིས་འདུ་ཤེས་བསྒྱུར་བ། སྦྱོར་བ་ལུས་ངག་གི་རྣམ་རིག་ཏུ་ཐོན་པས་བརྡ་སྤྲོད་པ་མཐར་ཐུག་སྨྲས་པའི་ཡུལ་དེ་ལ་བརྡ་འཕྲོད་པས་ཡན་ལག་རྫོགས་པའོ། །
第四,妄語者
對他人妄說我已證悟四諦的實性,看到天龍神鬼等,此動機主要是屬於痴念,明知自己沒有神通,為欺騙他人卻說有神通為「意樂」,或直言或以表情或以姿勢表達為「加行」,令對方信以為真為「究竟」,若符合此條件則圓滿妄語之罪。

ལྔ་པ་ཆང་འཐུང་བ་ནི།
གཞི་ནས་འབྲས་སོགས་འབྲུ་དང་། མེ་ཏོག་དང་། རྒུན་འབྲུམ་བུར་སྦྲང་གི་ཁུ་བ་སོགས་ལས་བྱས་པའི་མྱོས་པར་འགྱུར་བ། ཀུན་སློང་སྲེད་པ་བསམ་པ་བག་མེད་པས་འཐུང་བར་སེམས་པའོ། །སྦྱོར་བ་ཆང་འཐུང་ལུས་ངག་གི་ལས་སོ། །མཐར་ཐུག་མྱོས་པར་གྱུར་པ་ན་ཡན་ལག་རྫོགས་པའོ། །
第五,飲酒者
或以青稞等穀類或花或葡萄醞釀,能令人迷醉為「基」,由貪念想要放逸無度飲用為「意樂」,正式飲酒之身語的行動為「加行」, 令人迷醉為「究竟」,若符合此條件即圓滿飲酒之罪。
གཉིས་པ་ཕྱོགས་མཐུན་གྱི་བསླབ་བྱ་མི་དགེ་ལྷག་མ་དྲུག་བཤད་པ། མི་དགེ་བཅུ་ལས་གོང་གི་བཞི་པོ་མ་གཏོགས་པའི་ལྷག་མ་དྲུག་སྟེ། ཕྲ་མ་ནི་དབྱེན་ཚིག་སྨྲ་བའོ། །ཚིག་རྩུབ་ནི་གཞན་གྱི་གནད་དུ་ཕོག་པའོ། །བཀྱལ་པ་ནི་བྲེ་མོའི་གཏམ་ལ་སོགས་པའོ། །བརྣབ་སེམས་ནི་གཞན་གྱིས་རྫས་ལ་ཐོབ་འདོད་བསྐྱེད་པའོ། །གནོད་སེམས་ནི་གཞན་ལ་གསོད་ཅིང་བརྡེག་པར་སེམས་ པ་སོགས་སོ། །ལོག་ལྟ་ནི་ལས་འབྲས་མི་བདེན་པར་ལྟ་བའོ། །དེ་ལྟར་སྤང་བྱ་ལྔ་ཕྱོགས་མཐུན་དང་བཅས་པ་ཡིད་ཀྱིས་བསྡམ་ཞིང་དྲན་ཤེས་བག་ཡོད་ཀྱི་སྒོ་ནས་ཆོས་བཞིན་དུ་བྱ་བ་ལ་གཅེས་སོ།།
另説十惡業中剩餘六者,
口吐挑撥離間的言語為「離間語」,說損害人心的不雅語為「粗語」,戲笑及閒言閒語為「琦語」,他人擁有的物品想要佔為己有為「貪欲心」,想要殺害或毆打他人為「害心」,主張因果不實為「邪見」。當從內心禁止上述五種所斷及其相近諸惡行,秉持正知和不放逸如法勤修。

ཉམས་ན་གསོ་ཚུལ།
རྩ་བ་བཞི་ཉམས་ན་དགེ་བསྙེན་ཡན་ཆད་སྡོམ་ལྡན་གྱི་དྲུང་དུ་བསྐྱར་ལ་བླང་དགོས་ཤིང་། ཡན་ལག་མ་ཚང་བར་བྱུང་ན་བཤག་བྱའི་ཉེས་པ་ཡིན་པས་ཡུལ་སྔ་མ་རྣམས་ཀྱི་མདུན་དུ་ཕྱག་དང་དགོངས་གསོལ་བྱས་ནས་འཆགས་ཤིང་ཕྱོགས་མཐུན་རྣམས་ཡིད་ཀྱིས་བསྡམས་པས་ཆོག་གོ། །
退失令還戒者,
若退失四根本戒,則從具戒者坐前重新受戒,若只犯不符破戒標準之罪,依舊為應懺悔之罪故,須向上述聖境進行傾聽與祈請而懺悔,相近諸罪由心禁止即可。

སྲུང་བའི་ཕན་ཡོན།
གལ་ཏེ་རང་བཞིན་གྱི་སྡིག་པའི་རྩ་བ་བཞི་པོ་བསྲུངས་ན། དེ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་དགེ་བའི་ཆོས་ཐམས་ཅད་ཀྱི་རྒྱུའི་མཆོག་དམ་པ་རྣམ་པར་གཞག་པ་ཡིན་ནོ། །དེ་བས་ན་ཆོས་རྣམ་པ་བཞི་བསྲུང་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བྱའོ། །འདི་ལྟ་སྟེ། ས་ཆེན་པོ་འདི་ལ་བརྟེན་ནས་རྩི་ཤིང་དང་མེ་ཏོག་དང་ཤིང་གེལ་པ་དང་། ནགས་ཚལ་ལ་སོགས་པ་ཐམས་ཅད་སྐྱེའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་རྩ་བ་བཞི་པོ་བསྲུང་བ་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འཕེལ་ཞིང་སྐྱེ་བར་འགྱུར་རོ། །ཆང་སྤོང་བས་བག་མེད་པའི་གནས་ལས་ལྡོག་སྟེ་དཀར་པོ་དགེ་བའི་ཆོས་ལ་ངང་གིས་འཇུག་པ་དང་། མདོར་ན་མི་དགེ་བཅུ་སྤངས་པས་དཀར་པོའི་ཆོས་བཅུ་དང་ལྡན་ཞིང་། འདི་ཕྱིའི་ཕན་བདེའི་ལེགས་ཚོགས་ཡིད་བཞིན་དུ་འགྲུབ་པའི་རྒྱུ་དམ་པ་ཡིན་ནོ། །
持戒所生功德利益者,
若能持守四根本戒,乃是一切有漏與無漏善法之殊勝因,因如生物、花草、森林皆依賴大地而生長。同理,一切善法也仰賴四根本戒而生起並增長廣大;若斷除飲酒即可預防放逸行,將自行趨 入奉行善法。總之,凡斷除十惡則能具足十善功德,此乃今生與後世一切樂善皆如願以成的殊勝因緣。